གོ་ལའི་སྟེང་གི་ལག་དམར་སྲིན་པོ་རྩུབ་ཤོས། ཕྲ་སྲིན་རྟེན་གནས་དུག་སྲིན། | Kurzgesagt

🎁Amazon Prime 📖Kindle Unlimited 🎧Audible Plus 🎵Amazon Music Unlimited 🌿iHerb 💰Binance

བརྙན་ལམ།

དཔེ་དེབ་བཤུས་པ།

དམག་འཁྲུག་ཞིག་ལོ་ངོ་ཐེར་འབུམ་མང་པོའི་རིང་ལངས་ནས་

ང་ཚོར་སྣང་བ་ཙམ་ཡང་མ་བྱུང་བའི་ངང་ནས་

ཉིན་རེར་སེམས་ཅན་ཁྲག་ཁྲིག་མང་པོ་གསོད་བཞིན་ཡོད།

དམག་འཁྲུག་དེ་ནི་གོ་ལ་འདིའི་ཐོག་ལག་དམར་སེམས་ཅན་ཁྱེར་རྐྱང་བ་ཞིག་སྟེ་

ཕྲ་སྲིན་རྟེན་གནས་དུག་སྲིན་ཞིག་གིས་སླངས་པ་རེད།

མིང་བསྡུས་ན་ཕེཇ་ཟེར།

ཕེཇ་ནི་དུག་སྲིན་ཞིག་སྟེ་

གསོན་པོ་རང་མ་རེད་ལ་

ཤི་ཚར་བ་ཞིག་ཀྱང་མ་རེད།

མ་ཟད་ཁོང་ཚོ་སུ་ཞིག་གིས་བཟོས་བཞག་པ་འདྲ་པོ་ཡོད།

ཁོང་ཚོའི་མགོ་ནི་ངོས་མང་གཟུགས་ཅན་ཞིག་སྟེ།

ཤོ་གཟུགས་ཞིག་ལ་ངོས་༢༠དང་ཟུར་༣༠ཡོད་པ་ལྟ་བུ་ཞིག་རེད།

འདི་ནང་དུག་སྲིན་གྱི་རིགས་རྫས་རྒྱུ་ཆ་ཡོད་པ་དང་

རྐང་འདྲའི་རྩིད་སྐུད་ཅན་གྱི་རྔ་མ་རིང་པོ་ཞིག་གི་སྟེང་ལ་ཡང་ཡང་སྡོད་ཀྱི་ཡོད།

གོ་ལ་འདིའི་སྟེང་ཕྲ་སྲིན་ཚུད་པའི་སྐྱེ་དངོས་གཞན་ཡོངས་ཀྱི་སྡོམ་གྲངས་ལས་

ཕེཇ་ཀྱི་གྲངས་འབོར་མང་བ་ཡོད།

དེ་དག་ནི་ཕལ་ཆེར་སྐྱེ་དངོས་ཡོད་ས་གང་སར་ཡོད།

ད་ལྟ་ཁྱེད་ཀྱི་ལག་པ་དང་རྒྱུ་མའི་ནང་དང་ད་དུང་མིག་ཤོག་བཅས་ཀྱི་སྟེང་ལ་ཐེར་འབུམ་མང་པོ་ཡོད།

ཕེཇ་ནི་གོ་ལའི་སྟེང་འཆི་རྐྱེན་མང་ཤོས་ཆགས་ཀྱི་ཡོད་དུས་ཁྱེད་ཀྱིས་དེ་གོ་དུས་ཚ་ག་ཚི་གེ་ཆགས་སྲིད་

ཡིན་ན་ཡང་ཁྱེད་རང་བསོད་ནམས་ཅན་རེད།

ཁོང་ཚོས་ཞོགས་ཟས་ལ་རྔོན་བྱེད་དུས་

ཁོང་ཚོས་ཕྲ་སྲིན་གཅིག་པོ་གསོད་ཀྱི་ཡོད།

ཉིན་རེར་རྒྱ་མཚོའི་ཕྲ་སྲིན་བསྡོམས་ཀྱི་བརྒྱ་ཆ་༤༠ཙམ་ཁོང་ཚོས་གསོད་ཀྱི་ཡོད།

འོན་ཀྱང་ཕེཇ་ལ་སྐྱོན་ཆ་ཆེན་པོ་ཡང་ཡོད།

དུག་སྲིན་གཞན་ལྟར་ཕེཇ་ལ་ཡང་འཚོ་གནས་དང་རིགས་རྒྱུད་སྐྱེད་སྤེལ་ཆེད་གནས་ཚང་དགོས་པ་ཡིན།

ཁོང་ཚོ་ནི་ཤུན་སྐྱོགས་ནང་གི་རིགས་རྫས་རྒྱུ་ཆ་ཙམ་རེད་ལ

ཆེད་ལས་མཁས་ཅན་ཡང་རེད།

ནམ་རྒྱུན་ཕེཇ་ཀྱིས་ཕྲ་སྲིན་བྱེ་བྲག་པ་ཞིག་དང་

དེ་དང་ཉེ་འབྲེལ་ཆེ་བ་འགའ་འདེམ་གྱི་ཡོད།

འདི་དག་ནི་ཁོའི་བརྔོན་བྱ་རེད།

ཕེཇ་དེ་ལམ་ལྷོང་མེད་པའི་ཁྱིམ་ཚང་ཞིག་རྔོན་ནས་བསད་ཀྱི་ཡོད་པའི་ འཕུར་མདའ་འཁྱམ་པོ་ལྟ་བུ་ཞིག་ཏུ་བསོམ་དང་།

ནམ་ཞིག་ཕེཇ་རང་གི་གནོད་ཡུལ་དང་འཕྲད་དུས་

འདིས་རང་གི་རྔ་མ་དེ་སྣེ་ལེན་ར་བར་སྤྱར་ནས་ཆུ་མདའ་ལྟ་བུ་ཞིག་སྤྱོད་ནས་ངོས་རྟོལ་གྱི་ཡོད།

གཡོ་འགུལ་ཁྱད་འཚར་ཞིག་གི་ནང་ལ་ཕེཇ་དེས་རང་གི་རྔ་མ་བཅུར་ནས་རིགས་རྫས་རྒྱུ་ཆ་ནང་འཇུག་བྱས་ནས་

སྐར་མ་གཅིག་གི་ནང་ལ་ཕྲ་སྲིན་དབང་སྒྱུར་བྱེད་ཚར་གྱི་ཡོད།

ད་ཆ་ཕྲ་སྲིན་དེར་བཙན་དབང་གིས་ཕེཇ་ཀྱི་ཆ་ཤས་ཚང་མ་གསར་བསྐྲུན་བྱེད་དུ་་འཇུག་པ་དང་

ཕེཇ་གསོ་མ་ལེགས་གྲུབ་ཚར་རྗེས་མ་གཏོགས་ལས་མཚམས་འཇོག་ཏུ་མི་འཇུག

མཐའ་མཇུག་དེར་

ཁོང་ཚོས་འགོག་རྫས་ནང་མ་བསྐྲུན་ཞིང་

དེ་ནི་ཕྲ་སྲིན་ལ་ཨི་ཁུང་རྟོལ་མཁན་གྱི་སྨིན་རྫས་ནུས་ལྡན་ཞིག་རེད།

གནོན་ཤུགས་དེ་ཧ་ཅང་ཆེ་བའི་རྐྱེན་གྱིས་ཕྲ་སྲིན་གྱིས་ནང་གི་ཡོད་ཚད་ཕྱིར་སྐྱུགས་ནས་ཤི་འགྲོ་བ་ཡིན་

ཕེཇ་གསོ་མ་ཚང་མ་སློད་ནས་སླར་ཡང་འཁོར་སྐྱོད་དེ་འགོ་འཛུགས་བྱེད།

འདས་པའི་ལོ་ཤས་ཤིག་གི་ནང་ལ།

ཕེཇ་ཕྲ་སྲིན་དེས་གོ་ལ་འདི་ཐོག་གི་ལག་དམར་སེམས་ཅན་གཉིས་པ་མི་ཡིས་

ཁོང་ཚོར་བྱས་པའི་དོ་སྣང་ལ་སྤྲོ་སྐྱིད་བཏང་ཡོད།

ཉེ་ཆར་ང་ཚོས་ཁོང་ཚོ་འཐེར་འབུམ་མང་པོ་ང་ཚོའི་ལུས་ནང་ནང་འཇུག་བྱེད་པར་བལྟ་འགོ་ཙུགས་པ་ཡིན།

གང་ཡིན་ཞུ་ན་ང་ཚོས་གང་ཡོང་ཅི་ཡོང་བྱས་ནས་ད་ཆ་

ང་ཚོ་བྱེད་ཐབས་ཟད་ནས་རེ་བ་རླག་གྲབས་ཆགས་པས་རེད།

གནའ་སྔ་མོ་ཡིན་ན་རྨ་ཁ་གཅིག་གམ་འདམ་ཆུ་ཁ་གང་འཐུང་བས་ཁྱེད་རང་འཆི་སྲིད།

ཕྲ་སྲིན་ཚོ་ནི་ང་ཚོའི་ཕེཇ་རེད་ལ་

ང་ཚོ་རྔོན་མཁན་སྙིང་རྗེ་སྤུ་ཙམ་མེད་མཁན་གྱི་གདོན་འདྲེ་ཕྲ་མོ་་རེད།

འོན་ཀྱང་ལོ་༡༠༠ཡི་ཡར་སྔོན་དེར་ང་ཚོར་རང་བྱུང་ཁམས་ནས་

སྟེས་དབང་གིས་ཐབས་ལམ་ཞིག་རྙེད་ཡོད་པ་ནི་

ང་ཚོར་ཕྲ་སྲིན་གསོད་རྫས་སྐྲུན་མཁན་གྱི་ཧམ་བུ་ཞིག་རྙེད་པ་དེ་རེད།

ནད་འབུ་འགོག་སྨན་དེ་ནི་

གློ་བུར་དུ་ང་ཚོར་ལག་སོན་བྱུང་བའི་སྟོབས་ཤུགས་ཆེ་བའི་མཚོན་ཆ་ཞིག་རེད།

ནད་འབུ་འགོག་སྨན་དེ་གནད་སྨིན་ཐག་ཆོད་ནས་ང་ཚོས་ཕྲ་སྲིན་ཚོ་སྲིན་པོ་ཡིན་བསམ་པ་བརྗེད་ཡོད

ང་ཚོའི་བར་གྱི་རྒས་ཤོས་དང་སྐྱོ་ཤོས་ཚོ་མ་གཏོགས་ཁོང་ཚོས་བསད་ཐུབ་མེད།

ང་ཚོས་ནད་གཞི་ཆུང་ཙག་ལ་ནད་འབུ་འགོག་སྨན་མང་ནས་མང་དུ་སྤྱོད་ནས་

ང་ཚོས་སྲིན་པོ་ཚོ་དང་ཁོང་ཚོའི་མཚོན་ཆར་སྣང་མེད་ཤོར་བ་རེད།

ཕྲ་སྲིན་ཚོ་སྐྱེ་ལྡན་ཡིན་དུས་ཁོང་ཚོ་འཕེལ་འགྱུར་ཕྱིན་ནས་ཁོང་ཚོ་རེ་རེ་བཞིན་ ང་ཚོའི་མཚོན་ཆར་འགོག་གཤིས་ཐུབ་པ་བྱུང་བ་རེད།

གནས་སྟངས་འདི་ང་ཚོས་འབུ་སྟོབས་ཅན་ཞེས་པ་དེ་མ་བཟོས་ཀྱི་བར་དུ་མུ་མཐུད་ལྷག་པ་རེད།

ཕྲ་སྲིན་ཚོ་ནི་ང་ཚོར་ཡོད་པའི་(སྨན་)ཚང་མར་སྔོན་འགོག་ཐུབ་ཀྱི་ཡོད་ལ

འགོག་གཤིས་་འདི་ནི་གོ་ལའི་ཁྱོན་ལ་ང་ཚོས་སྐད་ཆ་བཤོད་པ་བཞིན་འཕེལ་འགྲོ་གྱི་ཡོད།

༢༠༥༠མཚམས་སུ་འབྲས་ནད་ལས་མང་བར་ཕྲ་སྲིན་སྟོབས་ཅན་གྱིས་མི་གསོད་ནུས་པ་ཆགས་ཀྱི་ཡོད།

དེ་སྔོན་རྨ་ཁ་ཆུང་ཆུང་དང་གཅིན་ལྒང་གཉན་ཁ་ཡང་ན་གློ་རྒྱག་བཅས་ འཆི་རྐྱེན་ཆགས་ཀྱི་ཡོད་པ་དེ་སླར་ལོག་ཡོང་གི་ཡོད་པ་དང་།

ཨ་རི་གཅིག་པོའི་ནང་ལ་

ལོ་རེར་མི་གྲངས་༢༣༠༠༠འགོག་གཤིས་ལྡན་པའི་ཕྲ་སྲིན་རྐྱེན་པས་འཆི་བཞིན་ཡོད།

འོན་ཀྱང་མིས་བཟོས་གཉན་སྲིན་ཕྲ་མོ་ཕེཇ་ཀྱིས་ང་ཚོ་སྐྱོབ་སྲིད་པ་ཞིག་རེད།

ང་ཚོས་ནད་གསོས་རོགས་་བྱེད་པར་དེ་དག་ལུས་ནང་འཇུག་བྱེད་འཐུས་ལ་

སྒུག་ཨ།གཉན་སྲིན་དེ་འདྲ་མང་པོ་ནད་པ་ཞིག་ལ་ནང་འཇུག་བྱེད་པ་དེ་བྱུས་ཡག་པོ་ཞིག་ཡིན་ནམ

ཕེཇ་ཚོ་ནི་ཕྲ་སྲིན་གསོད་མཁན་དམིགས་གསལ་ཆེད་ལས་པ་ཞིག་རེད་

དོན་དངོས་སུ་མི་ནི་དེ་དག་ལ་རྩ་བ་ནས་འགོག་གཤིས་ཐུབ་ལ་ང་ཚོ་ནི་རྦད་དེ་སོ་སོ་རེད་

ང་ཚོ་ཉིན་རེར་ཕེཇ་འབུམ་ཕྲག་མང་པོར་གདོང་ཐུག་རྒྱག་གི་ཡོད་པ་དང་། ང་ཚོས་ཁོང་ཚོ་རེ་རེ་བཞིན་གུས་པའི་ངང་སྣང་མེད་བྱེད་ཀྱི་ཡོད།

ནད་འབུ་འགོག་སྨན་ནི་ཁྱོན་ཡོངས་གཏོར་རྒོལ་བྱེད་མཁན་གྱི་འབར་རྫས་དང་འདྲ་བར་ཚང་མ་གསོད་པ་དང་མཐའ་ན་ང་ཚོས་གནོད་པ་སྐྱལ་འདོད་མེད་པའི་རྒྱུ་མའི་ནང་གི་ཕྲ་སྲིན་ཡག་པོ་ཚོ་ཡང་གསོད་

ཕེཇ་ཚོ་ནི་སྣེ་འདྲེན་འཕུར་མདའ་བཞིན་གང་ཞིག་ལ་དམིགས་པ་དེ་ཉིད་གཅིག་པོར་རྒོལ་གྱི་ཡོད།

སྒུག་ཨ།གལ་ཏེ་ང་ཚོས་ཕེཇ་ཕྲ་སྲིན་གསོད་པར་སྤྱོད་ཚེ་ཕྲ་སྲིན་ཚོ་ཡང་དེ་ལ་གདོང་ལེན་ཐུབ་པ་མི་ཆགས་སམ།

རེད།དེ་ནི་རྙོག་དྲ་ཚ་བོ་ཞིག་རེད།ཕེཇ་ཚོ་ཡང་འཕེལ་འགྱུར་བྱུང་གི་ཡོད།

ལོ་ངོ་འཐེར་འབུམ་མང་པོའི་རིང་ལ་ཕྲ་སྲིན་དང་ཕེཇ་བར་ གོ་མཚོན་འགྲན་རྩོད་བྱུང་ཡོད་པ་དང་ད་བར་དེ་ཚོ་ཡག་པོ་བྱུང་ཡོད།

དེས་ཕེཇ་མཚོན་ཆ་ལེགས་པོ་ཞིག་ཏུ་འགྱུར་ནས་གསོད་རྒྱུར་སྣང་དག་མེད་པ་ཞིག་ཆགས་ཡོད།

འོན་ཀྱང་ཕྲ་སྲིན་ཚོ་ང་ཚོའི་ཕེཇ་ལ་འགོག་གཤིས་ཐུབ་ན་ཡང་

ང་ཚོ་ད་དུང་རྒྱལ་ཁ་ལོན་ཐུབ་སྲིད་པ་རེད།སྣང་ཚོད་ལ་ ཕེཇ་རིགས་ཁ་ཤས་ཙམ་ལ་ཡང་འགོག་གཤིས་ཐུབ་པར་

ཕྲ་སྲིན་ཚོར་ཁོང་ཚོར་ཡོད་པའི་ནད་འགོག་སྨན་གྱི་འགོག་གཤིས་དེ་བློས་གཏོང་བྱེད་དགོས།

གཅིག་བྱས་ན་ང་ཚོས་དེ་དག་རྙི༢༢ཀྱི་རྒྱ་རུ་འཛུག་ཐུབ་སྲིད།

དེ་ནི་རེ་བ་གཅིག་ཀྱང་མ་ལུས་པའི་ནད་པ་ཞིག་གི་སྟེང་ལ་ ཚོད་ལྟ་བྱས་ནས་གྲུབ་འབྲས་མཐར་འཁེལ་བྱུང་ཡོད།

ཞེད་སྣང་ཆེ་ཤོས་བྱེད་དགོས་སའི་ཕྲ་སྲིན་(སུ་གྲོས་མོ་ནས)་ཞེས་པ་ ཞིག་གིས་ནད་པ་དེའི་མཆིན་པའི་བུ་གར་ནད་གཞི་བཟོས་ཡོད་ཅིང་

ཁོ་ཚོ་རང་བཞིན་གྱིས་ནད་འགོག་སྨན་ལ་འགོག་གཤིས་ཅན་ཡིན་པ་དང་

བཟི་རྫས་ཅན་གྱི་ལག་པའི་སྨན་ལས་ཀྱང་ཐར་ཐུབ་ཀྱི་ཡོད།

ལོ་མང་རིང་ན་བའི་རྗེས་ལ་ཕེཇ་སྟོང་ཕྲག་ཁ་ཤས་ ནད་འགོག་སྨན་དང་ལྷན་དུ་འགོག་གཤིས་ལྡན་པའི་

ཕྲ་སྲིན་ལ་ཁ་གཏད་ཆེད་ཁོའི་མཆིན་པའི་བུ་གར་ཐད་དཀར་ནང་འཇུག་བྱས་པ་རེད།

གཟའ་འཁོར་འགའ་ཡི་རྗེས་ལ་ནད་གཞི་དེ་རྩ་ནས་ཡལ་སོང་འདུག

ཕངས་པ་ཞིག་ལ་བཅོས་ཐབས་འདི་ད་ལྟ་ཡང་ཚོད་ལྟའི་གནས་པ་ཡོད་པ་དང་སྨན་ཚོང་བཟོ་གྲྭ་ཚོས་་ཁེ་བཟང་བཟང་པོ་དེ་འདྲ་

གཞུང་འབྲེལ་གྱི་ཆོག་མཆན་མེད་པའི་སྨན་བཅོས་ཐོག་ནས་ལེན་འདོད་བྱེད་ཀྱི་མེད།།

འོན་ཀྱང་མཐའ་མཇུག་དེར་གནས་སྟངས་འགྱུར་བ་ཐེབས་བཞིན་ཡོད།

༢༠༡༦ལོར་ད་བར་གྱི་ཕེཇ་སྨན་བཅོས་ཚོད་ལྟ་ཆེ་ཤོས་དེ་བྱས་ཡོད་པ་དང དེ་རྗེས་ཕེཇ་སྟེང་དོ་སྣང་ཤུགས་ཆེར་ཕྱིན་ཡོད།

ད་ང་ཚོ་ཕེཇ་དང་འབྲེལ་དྲིས་མང་ཙམ་བྱེད་ན་དགའ་བ་ཡོད་རེད།གང་ཡིན་ཞུ་ན་

རྣམ་བཞག་འདི་ཁྱད་མཚར་ལྟ་བུ་ཞིག་སྣང་སྲིད་ཀྱང་གོ་ལའི་སྟེང་གི་འཇིགས་རུང་ལག་དམར་སེམས་ཅན་དེ་

ཐད་དཀར་ང་ཚོའི་ལུས་ཀྱི་ནང་དུ་ནང་འཇུག་བྱེད་པ་དེས་ཚེ་སྲོག་མང་པོ་སྐྱོབ་ཐུབ་

བརྙན་ཐུང་འདི་ནི་Bill & Melinda Gates ཐེབས་རྩ་ཁང་གི་མཐུན་འགྱུར་འོག་ནས་བསྐྲུན་པ་ཡིན་ལ།

གལ་ཏེ་ཁྱེད་ཀྱིས་Kurzgesagtལ་རོགས་བྱེད་འདོད་ཚེ་ཁྱེད་ཀྱིས་patreon.com/Kurzgesagtདྲ་ཐོག་འདི་ནས་བྱེད་ཐུབ་པ་དང་ཁྱེད་ལ་ཚུར་རྔན་པ་སྙིང་རྗེ་པོ་རེ་ཡང་རག་གི་རེད།